[སྔོན་འགྲོའི་དཔར་གཞི།]་ @001A ༄༅། yc+།ཆོངས?་བསྒྲུབ?་བདག?་ཡིན?་པར?་བསྒྲུབ?་རྒྱལ?་བའི་མེད??་བཞུགས་སོ།།-yc་ @001B ༄༅༅། །གང་གི་མཚན་ཙམ་བཟུང་བས་འཆི་བདག་གི །མཆེ་བ་རི་མོའི་གནས་ལ་འགོད་བྱེད་ཅིང༌། །ཚེ་དང་ཡེ་ཤེས་ངེས་སྟེར་བདེ་ལྡན་དུ། །འཁྲིད་མཛད་བཅོམ་ལྡན་ཚེ་དཔག་མེད་ལ་འདུད། yc+།འདིར་ཚེ་དཔག་མེད་ཀྱི་སྒོ་ནས་རང་ གཞན་གྱི་དོན་བྱེད་པར་འདོད་ན། ཚེ་བསྒྲུབ་དང༌། ཚེ་དབང་བསྐུར་བའི་ཚུལ་གཉིས་ལས་དང་པོ་ལ། བདག་མདུན་གཉིས་ལས། བདག་བསྐྱེད་ནི། སྐྱབས་སེམས་ཚད་མེད་རྣམས་སྔོན་དུ་བཏང་ནས།-yc་སྭ་བྷཱ་ཝ་yc+ས་སྟོང་བར་སྦྱངས།-yc་སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ དུ་རང་གི་སེམས་ཉིད་ཧྲཱིཿ ཡིག་དམར་པོ་རིང་ཆ་ཚེག་དྲག་དང་བཅས་པ། དེ་ལས་འོད་ཟེར་འཕྲོས་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་གཞག གི་ཕྱག་རྒྱའི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། རིན་པོ་ཆེའི་དབུ་རྒྱན་ལ་སོགས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་ཤིང༌། ལྷ་རྫས་ཀྱི་དར་གྱི་སྟོད་གཡོགས་དང་སྨད་ག་གཡོགས་མཛེས་པར་གསོལ་བ། འོད་ཀྱི་ཕུང་ པོའི་དབུས་ན་ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རང་གི་སྤྱི་བོར་ཨོཾ་དཀར་པོ་yc+ནས-yc་ཧཱུཾ་སྔོན་པོ། །དེ་ལས་འོད་ཟེར་འཕྲོས། བདེ་བ་ཅན་ནས་རྒྱལ་བ་ཚེ་དཔག་མེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས༌། @002A ༄༅། །ཛཿ ཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། yc+ནས-yc་ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ ལས་སྤྲུལ་སྐུ་ཚེ་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། yc+དེ་ནས་མཆོད་པ་བྱིན་གྱིས་བརླབས་ཏེ་འབུལ་བ་ནི། ཚིགས་བཅད་སྔགས་དང་བཅས་བསམ་མ། བསྡུ་ན-yc་ཨོཾ་ཨཱརྱ་ཨ་པཱ་ར་མི་ཏ་ཨཱ་ཡུར་ཛྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུཾ་སྭཱ་ཧཱ། yc+ནས-yc་ཤཔྟ་yc+འི་བར་གྱིས་མཆོད་ཅིང༌།-yc་འཇིག་རྟེན་འདྲེན་ པའི་གཙོ་བོ་ཚེ་དཔག་མེད། yc+།ཅེས་སོགས་ཀྱིས་བསྟོད་ལ།-yc་རང་གི་ཐུགས་ཀའི་ཟླ་གདན་གྱི་སྟེང་དུ་ཧྲཱིཿ ཡིག་དམར་པོའི་མཐར་བཟླས་བྱའི་སྔགས་ཕྲེང་གིས་བསྐོར་བ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚེ་དཔལ་བསོད་ ནམས་ཐམས་ཅད་བཀུག་ནས་སྔགས་འཕྲེང་ལ་ཐིམ་པར་གྱུར་yc+པར་བསམས་ལ། གཟུངས་རིང་ཐུང་གཉིས་ཅི་འགྲུབ་བཟླས་ནས་མཐར་ཡིག་བརྒྱ་བརྗོད་ཅིང༌། སྔར་བཞིན་མཆོད་བསྟོད་བྱའོ།། །།གཉིས་པ་མདུན་བསྐྱེད་ནི། བྲག་ཞུན་ཅོ་བཞི། བུ་རམ། མར། གར། སྦྲང་རྩེ། ཤུག་འབྲས་སོགས་བཅུད་ལེན་དང༌། གཞན་དུག རིགས་མིན་པའི་སྨན་སྣ་ཚོགས་དང༌། བུམ་རྫས་ཉེར་ལྔ་སོགས་ལས་རིལ་བུ་ཅི་འདོད་བྱས་པ་ན་བཟའ་དམར་པོ་སོགས་གང་རིགས་སུ་བསྒྱུར་ཏ་བསྐམ་པ་བུམ་པ་བཟང་པོའི་ནང་དུ་བླུགས་ནས་སྟེགས་ཀྱི་ཁར་བཞག་ལ། མཆོད་པས་མཐའ་བསྐོར་ཏེ་འཆད་འགྱུར་ལྟར་བྱིན་བརླབ་བྱ། བུམ་པ་སྔར་བཞིན་བསངས་སྦྱངས།-yc་སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ @002B ཆེའི་བུམ་པ་དམར་པོ་མཚན་ཉིད་ཐམས་ཅད་དང་ལྡན་ཞིང༌། ལྷ་རྫས་ཀྱི་གོས་ཀྱིས་དཀྲིས་པའི་ནང་དུ། ཚེ་རིལ་རྣམས་ཡོངས་སུ་གྱུར་པ་ལས་ཧྲཱིཿ ཡིག་དམར་པོ་རེ་རེ། དེ་རྣམས་ལས་འོད་ཟེར་འཕྲོས། yc+ཞེས་པ་ནས་རང་ཉིད་ཞེས་པ་དོར་ཏེ། སྔར་བཞིན་དང༌།-yc་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ་རེ་རེར་གྱུར། དེ་རྣམས་ གྱི་སྤྱི་བོར་ཨོཾ་དཀར་པོ། yc+ནས་བདག་ལ་ཞེས་པ་ནི་འདི་ལ་ཞས་པར་བསྒྱུར་བ་མ་གཏོགས་སྔར་ལྟར་རོ། །དེ་ནས-yc་རབ་འབྱམས་རྒྱ་མཚོ་yc+འམ།-yc་མཆོད་ཡོན་ཕལ་ཆེར་yc+སོགས་དང༌། སྔགས་ཙམ་གྱིས་མཆོད་ལ།-yc་འཇིག་རྟེན་འདྲེན་པའི་yc+སོགས་དང༌།-yc་བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྡིག་པའི་དྲི་མ་ཕྱིར་བསལ་ནས། །མཁའ་དང་མཉམ་པའི་སྐུ་ མངའ་བ། །མཉམ་ཉིད་སྐུ་ལ་ཕྱག་འཚལ་བསྟོད། yc+།ཞེས་པ་དང༌། རྒྱས་པར་ན་ཉི་གཞོན་འཆར་ཀ་མས་བསྟོད་ཀྱང་མི་འགལ། དེ་ནས-yc་དེ་རྣམས་ཀྱི་ཐུགས་ཀ་དང་ཕྱག་མཚན་བུམ་པའི་ནང་དུ་ཟླ་གདན་གྱི་སྟེང་དུ་ཧྲཱིཿ ཡིག་གི་མཐར་སྔགས་འཕྲང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རང་དང་བསྒྲུབ་བྱའི་ཚེ་མི་མ་ཡིན་གྱིས་ཕྲོགས་ དང་བརྐུས་པ་དང་ཡར་བ་ལ་སོགས་པ་རྣམས་བུམ་པ་དང་ལྷུང་བཟེད་བདུད་རྩིས་བཀང་བའི་རྣམ་པར་བསྡུས་ནས་སྔགས་ཕྲེང་ལ་ཐིམ། ཡང་འོད་ཟེར་འཕྲོས་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའི་རོ་བཅུད་ནུས་པ་ཐམས་ཅད་དང༌། སྐྱེ་འཕགས་ཐམས་ཅད་ཀྱི་ཚེ་དང་བསོད་ནམས། རྒྱལ་བ་སྲས་བཅས་ཀྱི་བྱིན་ བས།?་སྔགས་དང་སྨན་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་ཀྱི་སྙིང་པོ་ཐམས་ཅད་བསྡུས་ནས་སྔགས་ཕྲེང་རྣམས་ལ་ཐིམ་པར་གྱུར་yc+པར་བསམས་ལ། གཟུངས་ཐུར་ལ་གཙོ་བོར་འབད་ཅིང༌། གཟུངས་རིང་ཅི་མང་བཟླ། མཐར་ཡི་གེ་གསུམ་ལན་བདུན་སོགས་དང༌། ཡིག་བརྒྱ་བརྗོད་ཅིང༌། མཆོད་བསྟོད་མདོར་བསྡུས་དང་མ་རྙེད་སོགས་ཀྱིས་ བཟོད?་གསོལ་བྱས་ནས།-yc་བཅོམ་ལྡན་འདས་བདག་དང་སྦྱིན་པའི་བདག་པོ་ལ་ཚེ་དང་བསོད་ནམས་མ་ལུས་པ་སྩལ་དུ་གསོལ། yc+ཞེས་གསོལ་བ་གདབ།-yc་འདིར་ནི་རྟེན་དང་yc+སོགས་ཀྱིས་བརྟན་བཞུགས་བྱས་ཏེ། ཤིས་བརྗོད་སྤྱི་དང༌། ཕྱིན་དྲུག་དང་སྦྱར་བའི་བཀྲ་ཤིས་བྱའོ། །གཏོར་མ་འབུལ་བར་འདོད་ན། གོང་གི་ཡིག་བརྒྱའི་མཇུག་དང་བྱིན་བརླབས་བྱས་ན-yc་ @003A ༄༅། །ཨ་ཀཱ་རོ་yc+འམ།-yc་ཨོཾ་ཨ་པཱ་ར་མི་yc+ཏས་འབུལ་རུང༌། གཞི་བདག་གཏོར་མ་གཏོང་འདོད་ནའང་སྤྱི་ལྟར་འབུལ། འདིའི་སྐབས་སུ་ཐུན་དུ་བཅད་དེ་བསྒྲུབས་ན་ནི་ཕུན་སུམ་ཚོགས་པར་འགྱུར་ཡང༌། མ་བྱས་ཀྱང་ཆད་ལྷག་ཏུ་མི་འགྱུར་བར་གང་བདེ་བྱ། ཉི་མ་གཅིག་གམ་གསུམ་མམ་བདུན་ལ་སོགས་པར་བྱས་ཏེ། གྲོལ་ཉིན་བར་མཆོད་བསྟོད་ཡིག་བརྒྱ་དང་བཅས་མཇུག བཟོད་གསོལ་དང་གསོལ་འདེབས་བྱས་རྗེས།-yc་ལྷ་རྣམས་འོད་དུ་ཞུ་ནས་རིལ་བུའི་རྣམ་པར་གྱུར་yc+པར་བསམས་ལ། བརྟན་བཞུགས་དང་ཤིས་བརྗོད་བྱའོ། །དེ་ལྟར་བསྒྲུབ་པ་ནི་རྒྱས་བའི་དབང་དུ་བྱས་ལ། བསྡུ་ན-yc་བུམ་ནང་གི་རིལ་བུ་རྣམས་ཀྱི་སྟེང་དུ་ཟླ་གདན་ལ་གནས་པའི་ཧྲཱིཿ ཡིག་དང༌། རང་གི་ཐུགས་ཀའི་ཧྲཱིཿ ལས་འོད་ཟེར་འཕྲོས་ པས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་རྣམས་བསྡུས་ནས་དེ་ཉིད་ལ་ཐིམ་པར་yc+བསམ་ཞིང༌། སྔགས་བཟླས་ཀྱང་ཆོག་པར་བཤད། དེ་ལྟར་བསྒྲུབས་པའི་རིལ་བུ་ཟོས་པའི་ཕན་ཡོན་ནི་འཆད་པར་འགྱུར་རོ།། ༈ །།གཉིས་པ་གཞན་ལ་དབང་བསྐུར་བ་ལ་བདག་མདུན་གཉིས་ལས། དང་པོ་ནི། སྔར་ལྟར་བདག་བསྐྱེད་བཟླས་ དང་བཅས་པ་སྔོན་དུ་བཏང་ནས། ༧་གཉིས་པ་མདུན་བསྐྱེད་ཀྱི་ཚེ། ཚེ་བུམ་དབུས། ཚེ་ཆང་གཡས། ཚེ་རིལ་གཡོན། མཆོད་པ་དང་གཏོར་མས་མཐའ་བསྐོར་ལ། མཆོད་པ-yc་ཨོཾ་པདྨན་ཏ་ཀྲྀ་ཏ་ཧཱུཾ་ཕཊ་yc+ཀྱིས་བསངས།-yc་སྭ་བྷ་yc+ས་སྦྱངས།-yc་སྟོང་པའི་ངང་ལས་ཨཱཿ ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་རང་རང་གི་མིང་ཡིག པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་རང་བཞིན་བདེ་སྟོང་རྣམ་པ་མཆོད་རྫས་བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་མེད་ཀྱི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿ ཧཱུཾ༌། yc+དེ་བཞིན་དུ།-yc་པཱ་དྱཱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ། གནྡྷེ། ནཻ་ཝི་ཏེ། ཤཔྟ་ཨཱཿ ཧཱུཾ་yc+གིས་བྱིན་གྱིས་བརླབ། དེ་ནས་ཚེ་བུམ-yc་པདྨཱནྟ་ཀྲྀཏ་ཧཱུཾ་ཕཊ་yc+གྱིས་བསངས།-yc་སྭ་བྷཱ་ཝས་yc+སྦྱངས།-yc་ཚེ་བུམ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བྷྲུཾ་ལས་ཚེ་བུམ་ཕྱི་བུམ་པ་དམར་པོ་ལྟོ་བ་ཆེ་བ། མགྲིན་པ་རིང་བ། མ་ @003B འཕྱང་བ་ལ་སོགས་པའི་མཚན་ཉིད་ཐམས་ཅད་དང་ལྡན་ཞིང༌། ནང་ལྷའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི། རྟ་བབས་བཞི་ལྡན་རྡོ་རྗེའི་ར་བ་མེ་རི་དང་བཅས་པའི་དབུས་སུ། yc+འདིར་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་ཞེས་བཤད་པ་ལྟར་རམ། ཡང་ན་དེའི-yc་དབུས་སུ་བཾ་ལས་པདྨ་དང་ཨ་ལས་ཟླ་བའི་yc+ཞེས་པ་ནས། རང་ཉིད་ ཅེས་པ་དོར་ཏེ་མཆོད་བསྟོད་ཀྱི་བར་བྱ། བཟླས་པའི་ཚེ་སློབ་མའི་ཚེ་ཡར་བ་དང་འཐོར་བ་རྣམས་འགུག་པའི་དམིགས་པ་བྱ་ཞིང༌། གཟུངས་རིང་ཐུང་གཉིས་ཅི་འགྲུབ་དང་མཐར་ཡིག་བརྒྱ་བརྗོད། དེ་ནས་གཏོར་མ་བསངས་སྦྱངས།-yc་སྟོང་པའི་ངང་ལས་ཡཾ་ལས་རླུང་རཾ་ཡས་མེ་ཨཱཿ ལས་མི་མགོའི་སྒྱེད་བུ་གསུམ་གྱི་སྟེང་དུ་ཨཱཿ ལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ ནང་དུ་ཤ་ལྔ་བདུད་རྩི་ལྔ། དེའི་སྟེང་དུ་ཨོཾ་ཨཱཿ ཧཱུཾ། འོག་གི་རླུང་གཡོས?་མེ་སྦར་རྫས་རྣམས་ཞུ་ཡི་གེ་གསུམ་ལས་འོད་འཕྲོས་རྒྱ་མཚོན་གནས་པའི་བདུད་རྩི་དང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བཀུག་ནས་ཡི་གེ་གསུམ་ལ་ཐིམ། དེ་རྣམས་ཞུ་ནས་ཐོང་བའི་ནང་གི་ བདུད་རྩིར་ཐིམ་པས་བྱིན་གྱིས་བརླབས་པར་གྱུར་yc+པར་བསམས་ལ།-yc་ཨོཾ་ཨཱཿ ཧཱུཾ། yc+ལན་གསུམ་བརྗོད། དེ་ནི་བསྡུས་པའི་ལུགས?་ཡིན་ལ། རྒྱས་པར་བྱེད་ནའང་བྱས་ཆོག །དེ་ནས-yc་བཅོམ་ལྡན་འདས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་ཐམས་ཅད་གྲངས་ཏེ་གསོལ་བར་གྱུར་yc+པར་བསམས།-yc་ཨ་ཀཱ་yc+རོའམ། མཚན་གྱི་མཐར-yc་ཨི་དཾ་བ་ལིཾ་ཏ་yc+བཏེགས་ པ་གསུམ་གྱིས་འབུལ། བསྟོད་པ་རྒྱས་བསྡུས་ཅི་རིགས་ཀྱིས་བསྟོད་ལ།-yc་བཅོམ་ལྡན་འདས་བདག་དང་སློབ་མ་རྣམས་ལ་ཚེ་དང་བསོད་ནམས་ལ་སོགས་པའི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། yc+།ཞེས་གསོལ་བ་གདབ། ཚེ་ཆང་ནང་མཆོད་ལྟར་བྱིན་གྱིས་བརླབ། ཚེ་རིལ་བསངས་སྦྱངས།-yc་སྟོང་པའི་ངང་ལས་ཚེ་རིལ་རྣམས་སྨན་སྣ་ཚོགས་ལས་གྲུབ་པའི་ རིལ་བུར་གྱུར། རང་གི་ཐུགས་ཀའི་ཧྲཱིཿ ལས་འོད་འཕྲོས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བཅུད་ཐམས་ཅད་བསྡུས་ནས་ཚེ་རིལ་ལ་ཐིམ་པར་གྱུར་yc+བར་བསམས་ལ། གཉིས་ཀ་ལ་དམིགས་པའི་ཡི་གེ་གསུམ་དང་གཟུངས་རིང་ཐུང་བཟླ། བྲེལ་བའི་ཚེ་བདག་བསྐྱེད་སྐད་ཅིག་གིས་བསྐྱེད་ཀྱང་མི་འགལ་ཞིང༌། ཕྱག་ལེན་ལ་བུམ་པ་ཟད་པས་བྱེད་པ་སྣང་ཡང༌། བུན?་ @004A ༄༅། yc+།པ་ལྷར་བསྐྱེད་ན་མ་གཏོགས་བུམ་ནང་དུ་ལྷ་བསྐྱེད་པའི་ཚེ་བུམ་པ་དངོས་ཀྱིས་ཀྱང་རུང་བར་སེམས་སོ། །དེ་ནས་སློབ་མ་རྣམས་ཁྲུས་བྱས་ནས་མཎྜལ་རྒྱས་བསྡུས་ཅི་རིགས་འབུལ་དུ་གཞུག-yc༌།ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་འཇོམས་པ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག ལ་བཀའ་དྲིན་སྩོལ། yc+ཞེས་པ་ལན་གསུམ་གྱིས་གསོལ་བ་གདབ། སྐྱེས་བུ་གསུམ་གྱི་ལམ་གྱི་གནད་དྲིལ་བའི་དམིགས་སྐོར་སྤྱི་དང་བྱེ་བྲག་གི་ཆོས་ཇི་ལྟར་རིགས་པ་བཤད། སྤྲོ་ན་གདམས་པ་འདིའི་ལོ་རྒྱུས་དང་ཆེ་བ་བརྗོད་ཅིང་སྤྲོ་བ་བསྐྱེད། དེ་ནས་མདུན་གྱི་ནམ་མཁར་རྒྱལ་བ་སྲས་བཅས་ཐམས་ཅད་བཞུགས་པར་མོས་ཏེ་སྐྱབས་སུ་འགྲོ་བ་དང་སྡིག་པ་བཤགས་པ་སྔོན་དུ་འགྲོ་བས་བྱང་སྡོམ་འཛིན་དགོས་ པའི་བརྡ་སྤྲད་ནས།-yc་དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། yc+།ཞེས་སོགས་བཞི་ལན་གསུམ་རྗེས་ཟློས་བྱེད་དུ་གཞུག་ལ་བརྗོད། དེ་ནས་མཎྜལ་བསྟན་པ་ནི།-yc་གནས་ཁང་འདི་ཉིད་ཀྱང་བདེ་བ་ཅན་ལྟ་བུ་དག་པའི་ཞིང་དུ་མོས་པ་དང༌། ཚེ་བུམ་འདི་ཉིད་ཀྱང་ཕྱི་བུམ་པ་ལ་ནང་ལྷའི་གཞལ་ཡས་ཁང་གྲུ་བཞི་པ་ལ་སོགས་པའི་ མཚན་ཉིད་ཐམས་ཅད་དང་ལྡན་པའི་དབུས་སུ་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ་yc+ཞེས་སོགས་མངོན་རྟོགས་དང་མཐུན་པར་རྒྱས་བསྡུས་ཅི་རིགས་ཀྱིས་བརྡ་སྤྲང༌། དེ་ནས་སློབ་མ་རྣམས་བསངས་སྦྱངས།-yc་སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ་ཧྲཱིཿ ལས་སློབ་མ་རྣམས་སམ་རེ་རེ་ནས་རྒྱལ་བ་ཚེ་དཔག་མེད་སྐུ་མདོག་དམར་པོ་ yc+ཞེས་སོགས་སྔར་བཞིན་བསྐྱེད་ཅིང༌། བླ་མ་ཡང་དེ་ལྟ་བུའི་ཚེ་དཔག་མེད་དངོས་ཡིན་སྙམ་པའི་འདུ་ཤེས་བསྐྱེད་དུ་བཅུག་ནས་མང་ཉུང་དང་བསྟུན་ཏེ།-yc་སློབ་མའི་སྤྱི་བོར་ཨོཾ་དཀར་པོ། །མགྲིན་པར་ཨཱཿ དམར་པོ། །ཐུགས་ཀར་ཧཱུཾ་སྔོན་པོས་མཚན་པར་གྱུར། yc+ཅེས་གནས་གསུམ་བྱིན་གྱིས་བརླབ། དེ་ནས་དབང་བསྐུར་བ་ལ། ཚེ་བུམ་དང༌། ཚེ་ཆང་དང༌། ཚེ་རིལ་ལ་བརྟེན་ ནས་དབང་བསྐུར་བ་དང༌། ཚེ་སྤེལ་བ་དང་བཞིའོ།། ༧་ཤང?་པོ་ལ། ཡར་བ་འགུག་པ། ཉམས་པ་གསོ་བ། ཚེ་བསྟིམ་པ་དང་གསུམ། དང་པོ་ནི།-yc་མདུན་གྱི་ཚེ་དཔག་མེད་ཀྱི་ཕྱག་མཚན་བུམ་པའི་ནང་གི་ཧྲཱིཿ ཡིག་སྔགས་འཕྲེང་དང་བཅས་པ་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ཚེ་མི་མ་ཡིན་གྱིས་བརྐུས་པ་དང་འཕྲོག་པ་དང་ཡར་བ་ཐམས་ @004B ཅད་བུམ་པ་དང་ཐོད་པ་བདུད་རྩིའི་གང་བའི་རྣམ་པར་བཀུག་སྟེ་མདུན་གྱི་ཚེ་དཔག་མེད་ཀྱི་སྐུའི་ཆ་དང་ཕྱག་གི་བུམ་ནང་གི་སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་འཁྲིགས་མེར་གྱིས་གང་བས། ཚེ་ཡར་བ་ཉམས་པ་ སོགས་སོར་ཆུང༌། འཆི་བ་མེད་བའི་ཚེའི་རིགས་འཛིན་འཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག །yc+ཅེས་བ་རྫ་སྤྲད་ནས། རང་གཞན་གཉིས་ཀ་ས་དེ་ལྟར་བསམས་པ་དང༌། གཉིས་ཀས་ཨ་མཱ་ར་ཎི་ཅི་འགྲུབ་བརྗོད་ཅིང་དྲིལ་བུ་དཀྲོལ། སྤྲོ་ན་མཐར-yc་རིགས་ཀྱི་བུ་འདི་རྣམས་ཀྱི་ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །མི་ནུབ་པའི་རྒྱལ་ མཚན་དུ་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །འཆི་བ་མེད་པའི་རིག་འཛིན་ཐོབ་པར་གྱུར་ཅིག yc+།ཅེས་བ་དེན་སྟོབས་བརྗོད་ལ་མེ་ཏོག་འཐོར། འདི་འོག་མ་རྣམས་ལའང་སྦྱོར། རྒྱས་པར་འདོང་ན་ཤིས་བརྗོད་རི་ཡང་བྱའོ།། ༧་གཉིས་པ་ཉམས་པ་གསོ་བ་ལ། ཚེ་དང་སྟོབས་བསོད་ནམས་དང་དམ་ཚིག་དང་སྡོ་པ་ཉམས་ པ་གསོ་བ་དང་གསུམ། དང་པོ་ནི།-yc་མདུན་གྱི་ཚེ་དཔག་མེད་ཀྱི་ཕྱག་མཚན་བུམ་པའི་ནང་གི་ཧྲཱིཿ ཡིག་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་འཇིག་རྟེན་ཁམས་གྱི་འབྱུང་བ་ནམ་མཁའི་ཁམས་ཀྱི་བཀྲག་མ་དངས་ནུས་པ་ཐམས་ཅད་འོད་དང་བདུད་རྩི་ལྗང་ཁུའི་རྣམ་པར་བཀུག་སྟེ་སྔགས་འགྲེང་ལ་ཐིམ། yc+ཞེས་པ་ནས།-yc་ མེར་གྱིས་གང་བས། ནད་གདོན་སྡིག་སྒྲིབ་ཐམས་ཅད་སྦྱངས། ཁྱད་པར་དུ་ཁྱེད་རང་རྣམས་ཀྱི་འབྱུང་བ་རྣམས་མཁའི་སྒོ་ནས་ཚེ་ཉམས་པ་སོར་ཆུང༌། འཆི་བ་མེད་པའི་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག yc+།བརྗོད་པ་སོགས་སྔར་བཞིན་བྱའོ།།-yc་ཡང་སྔགས་འཕྲེང་ལས་འོད་ཟེར་འཕྲོས༌། ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་འབྱུང་བ་རླུང་གི་བཀྲག་མདང་ནུས་པ་ཐམས་ཅད་འོད་དང་བདུད་རྩི་སྔོན་པོའི་རྣམ་བར་བཀུག་སྟེ་སྔགས་འཕྲེང་ལ་ཐིམ། yc+ནས-yc་ཁྱད་པར་དུའང་འབྱུང་བ་རླུང་གི་སྒོ་ནས་ཚེ་ཉམས་པ་སོར་ཆུད་yc+ཅེས་སོགས་སྔར་བཞིན་ནོ།།-yc་ཡང་འོད་ཟེར་འཕྲོས། ཕྱོགས་བཅུའི་འཇིག @005A ༄༅། །རྟེན་ཁམས་ཀྱི་འབྱུང་བ་མེའི་ཁམས་ཀྱི་བཀྲག་མདངས་ནུས་པ་ཐམས་ཅད་འོད་དང་བདུད་རྩི་དམར་པོའི་རྣམ་པར་བཀུག་སྟེ་yc+ནས-yc་ཁྱད་པར་དུ་འབྱུང་བ་མེའི་སྒོ་ནས་ཚེ་ཉམས་པ་སོར་ཆུད་yc+ཅེས་སོགས་སྔར་བཞིན།-yc་ཡང་འོད་ཟེར་འཕྲོས། ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་འབྱུང་བས?་ ཁམས་ཀྱི་རོ་བཅུད་ནུས་པ་བཀྲག་མདངས་ཐམས་ཅད་འོད་དང་བདུད་རྩི་དཀར་པོའི་རྣམ་པར་བཀུག་སྟེ་yc+ནས-yc་ཁྱད་པར་དུ་འབྱུང་བ་ཆུའི་སྒོ་ནས་ཚེ་ཉམས་པ་སོར་ཆུད་yc+ཅེས་སོགས་སྔར་བཞིན།-yc་ཡང་མདུན་གྱི་ཚེ་དཔག་མེད་ཀྱི་ཕྱག་མཚན་བུམ་པའི་ནང་གི་ཧྲཱིཿ ཡིག་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་འཇིག་རྟེན་ ཁམས་ཀྱི་འབྱུང་བ་སའི་རོ་བཅུད་ནུས་པ་བཀྲག་མདངས་ཐམས་ཅད་འོད་དང་བདུད་རྩི་སེར་པོའི་རྣམ་པར་བཀུག་སྟེ་yc+ནས-yc་ཁྱད་པར་དུ་ཁྱེད་རང་རྣམས་ཀྱི་འབྱུང་བ་སའི་སྒོ་ནས་ཚེ་ཉམས་པ་སོར་ཆུད། འཆི་བ་མེད་པའི་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག yc+།ཅེས་སོགས་སྔར་བཞིན་ནོ། །འདི་ དག་བསྡུ་ན།-yc་འོད་ཟེར་འཕྲོས་འཇིག་རྟེན་ཁམས་ཀྱི་འབྱུང་བ་ས་ཆུ་མེ་རླུང་ནམ་མཁའི་བཀྲག་མདངས་ནུས་པ་ཐམས་ཅད་འོད་དང་བདུད་རྩི་ཁ་དོག་སྣ་ལྔའི་རྣམ་པར་བཀུག yc+ཅེས་བསྡུས་ཏེ་བྱ་བ་སྔར་གྱི་རིགས་པས་ཤེས་པར་བྱའོ།། ༧་གཉིས་པ་སྟོབས་དང་བསོད་ནམས་ཉམས་པ་གསོ་བ་ནི།-yc་ཡང་སྔགས་??་ ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་བྱིན་རླབས་ནུས་མཐུ་བསོད་ནམས་དང༌། ལྷ་ཀླུ་མི་ལ་སོགས་པའི་བསོད་ནམས་དང་སྟོབས་དང་གཟི་བརྗིད་ཐམས་ཅད་དང༌། སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དང་སྟོབས་དང་གཟི་བརྗིད་དང་སྨན་དང་སྔགས་ལ་སོགས་པའི་ནུས་པར་ མདོར་ན་འཇིག་རྟེན་ཁམས་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད། བཀྲ་ཤིས་པའི་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། བཀྲ་ཤིས་པའི་རྫས་བརྒྱད་ལ་སོགས་པའི་རྣམ་པར་བཀུག་སྟེ། yc+ནས-yc་ཁྱད་པར་དུ་ཡང་ཁྱེད་རང་རྣམས་ཀྱི་སྟོབས་དང་བསོད་ནམས་ཉམས་པ་སོར་ཆུད། yc+ཅེས་སོགས་སྔར་བཞིན།། @005B ༧་གསུམ་པ་དམ་ཚིག་དང་སྡོམ་པ་ཉམས་པ་གསོ་བ་ནི།-yc་ཡང་སྔགས་འཕྲེང་ལས་འོད་ཟེར་འཕྲོས། བླ་མ་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་བདུད་རྩི་དཀར་དམར་མཐིང་གསུམ་དང༌། སྐུ་གཟུགས་དང་གསུང་རབ་པོ་ཏི་དང་རྡོར་དྲིལ་ལ་སོགས་པའི་རྣམ་པར་བཀུག་སྟེ་yc+ནས-yc་ཁྱད་ པར་དུ་ཁྱེད་རང་རྣམས་ཀྱི་དམ་ཚིག་དང་སྡོམ་པ་ཉམས་པའི་ཉེས་སྐྱོན་ཐམས་ཅད་སྦྱངས། དམ་ཚིག་དང་སྡོམ་པ་ཉམས་པ་སོར་ཆུད་yc+ཅེས་སོགས་སྔར་བཞིན།། ༧་ཚེ་འགུག་པ་སྒོས་སུ་བྱེད་ན།-yc་ཡང་སྔགས་འཕྲེང་ལས་འོད་ཟེར་འཕྲོས། སྐྱེ་འཕགས་ཀུན་གྱི་ཚེ་ཕུན་སུམ་ཚོགས་པ་ཐམས་ཅད་དང༌། ཁྱད་པར་དུ་རྒྱལ་བ་ཚེ་ དཔག་མེད་ཀྱི་སྐུ་ཚེའི་དཔལ་ཕུན་སུམ་ཚོགས་པ་ཐམས་ཅད་འཆི་མེད་ཚེའི་བདུད་རྩིའི་རྣམ་པར་བཀུག་སྟེ་yc+ནས-yc་ཁྱད་པར་དུ་ཁྱེད་རང་རྣམས་ཀྱི་ཚེ་ཉམས་པའི་ཉེས་སྐྱོན་ཐམས་ཅད་སྦྱངས། ཚེ་ཉམས་པ་སོར་ཆུད་yc+ཅེས་སོགས་སྔར་བཞིན་བྱའོ། །བརྒྱ་ཚོར་སོགས་བྱེད་ན་ཚེ་ལ་རབ་འགུག་པ་ནས་འདིའི་བར་རྒྱས་པར་རམ་བསྡུས་ཏེ་བྱས་ཀྱང་ཆོག་གོ ། (!)་གསུམ་པ་ཚེ་བསྟིམ་པ་ནི།-yc་མདུན?་བསྐྱེད་ཀྱི་ཚེ་དཔག་མེད་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས། yc+བུམ་པ་མགོ་བོར་འཇོག་པའམ་བཞག་པར་མོས་ནས།-yc་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། ཡི་དམ་དཀྱིལ་ འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་(+)། དཔའ་བོ་མཁའ་འགྲོ་དང་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས་(+)། ཁྱད་པར་དུའང་རྒྱལ་བ་ཚེ་དཔག་མེད། མ་གཅིག་གྲུབ་པའི་རྒྱལ་མོ་ལ་སོགས་པའི་ཚེ་འཁྲིད་བརྒྱུད་པའི་བླ་མ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག །ཁྱེད་རྣམས་ཀྱིས་སློབ་མ་འདི་དག་གི་ནང་གདོན་བགེགས་པར་ དུ་གཅོད་པའི་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བར་མཛོད། དུས་མ་ཡིན་པའི་འཆི་བ་ལས་ཐར་བར་མཛོད། ཚེ་རིང་བར་མཛོད། སྲུང་བར་མཛོད། སྐྱོབ་པར་མཛོད་ཅིག yc+།གཟུངས་རིང་ཚར་གཅིག་བརྗོད་ལ།-yc་ཚེ་དཔག་མེད་འོད་དང་བདུད་རྩིའི་རྣམ་པར་ཞུ་སྟེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་སྙིང་གར་ཐིམ་པས་ @006A ༄༅། །བྱིན་གྱིས་བརླབ་པར་གྱུར་yc+པར་བསམས། ཚར་མང་པོ་བྱེད་ན་མདུན་བསྐྱེད་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཛཿ ཧཱུཾ་བཾ་ཧོཿ ས་བསྟིམ་པ་ཡིན་ཞིང༌། དེ་ཡང་ཐ་མ་ལ་བཀའ་བསྒོ་ཚར་གསུམ་དང༌། གཞན་རྣམས་ལ་ལྷ་རེ་རེ་བསྟིམ་པ་ལས་བཀའ་བསྒོམ་བྱས་ཀྱང་ཆོག་གོ། ༧་གཉིས་པ་ཚེ་ཆང་ལ་བརྟེན་ནས་དབང་བསྐུར་བ་ནི།-yc་སྦྱངས་ རྟོགས་སྦར་གསུམ་བྱས་ནས་བྱིན་གྱིས་བརླབས་པའི་ཚེ་ཆང་འདི་གསོལ་བས་རྩ་རླུང་ཐིག་ལེ་བྱིན་གྱིས་བརླབ་བདེ་སྟོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བའི་ནུས་པ་ཁྱད་པར་ཅན་བཞག །རྩ་རླུང་ཐིག་ལེའི་ནུས་པ་ཉམས་པ་སོར་ཆུད། འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག yc+།ཅེས་ བརྗོད་ལ་སྦྱིན། ༧་གསུམ་པ་ཚེ་རིལ་ལ་བརྟེན་ནས་དབང་བསྐུར་བ་ནི།-yc་ཚེ་རིལ་འདི་རྣམས་ནི་སྨན་ལ་སོགས་པའི་བཅུད་ཐམས་ཅད་བསྡུས་ནས་བྱིན་གྱིས་བརླབས་པ་སྟེ། འདི་ཟོས་པས་ནད་རིགས་བཞི་བརྒྱ་རྩ་བཞི་ལས་གྲོལ་བའི་ནུས་པ་བཞག །འཆི་མེད་ཚེའི་རིག་འཛིན་ཐོབ་བྱུང་སྙམ་པའི་མོས་པ་མཛོད་ཅིག། སྙིང་པོ་བསྡུས་པའི་བཅུད་འདི་ནི། །དེ་རིང་ཁྱོད་ཀྱིས་བཟའ་བར་གྱིས། །འདི་ཟོས་དུས་མིན་འཆི་བ་ལས། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད།། yc+།།ཅེས་བརྗོད་ཅིང་སྦྱིན་ནོ།། ༧་བཞི་པ་ཚེ་སྦེལ་བའི་ཤིས་བརྗོད་ནི་ནམ་མཁར་བཞུགས་པའི་བླ་མ་རྒྱལ་བ་སྲས་བཅས་ཀྱིས་ཤིས་པ་བརྗོད་པར་བསམས་ཏེ།-yc་སྦྱིན་པའི་སྟོབས་ ཀྱིས་སངས་རྒྱས་ཡང་དག་འཕགས། །མི་ཡི་སེངྒེ་སྦྱིན་པའི་yc+ཞེས་སོགས་སོ་སོར་བྱ་བའམ།-yc་ཕྱིན་དྲུག་སྟོབས་ཀྱིས་སངས་རྒྱས་yc+ཞེས་སོགས་རྒྱས་བསྡུས་ཅི་རིགས་དང༌།-yc་འདབ་བཟང་གཙུག་ཕུད་yc+ཅེས་སོགས་དང༌།-yc་དུས་མིན་འཆི་བའི་yc+ཞེས་སོགས་དང༌།-yc་བགེགས་རིགས་སྟོང་ཕྲག yc+སོགས་དང༌།-yc་ཚངས་དང་ལྷ་དབང་yc+སོགས་ཀྱིས་ ཤིས་བརྗོད་བྱའོ།། (!)་སྤྱིར་བསྒྲུབས་པའི་ཚེ་རིལ་ལ་ལོངས་སྤྱོད་པ་དང་ཚེ་དབང་འདི་ལྟར་བྱས་པ་ལ?་ཕན་ཡོན་གྱི་ཡོན་ཏན་གཙོ་བོར་གཉིས་ཏེ། གནས་སྐབས་ཚེ་རིང་བ་དང༌། ཕྱི་མ་བདེ་བ་ཅན་དུ་སྐྱེ་བའི་རྟེན་འབྲེལ་ཡོད་ཅིང༌། སྒོས་སུ་གང་ལ་དམིགས་པའི་ཡུལ་དེ་ཉིད་དུས་མིན་འཆི་བ་ལས་གྲོལ་བར་འགྱུར་རོ། (!)༌།ཚེ་དཔག་མེད་ཀྱི་སྒོ་ནས་ཚེ་རིལ་སྒྲུབ་པ་དང་ཚེ་དབང་བསྐུར་བའི་ཚུལ་འཆི་བདག @006B དབུ་བར་འཇོམས་འཆི་མེད་དཔལ་སྟེར་ཞེས་བྱ་བ་འདི་ནི། རང་གི་སློབ་མ་གནས་བརྟན་བྱ་བཏབ་ཤེས་རབ་བཀྲ་ཤིས་ཀྱིས་གཞན་རེ་གཉིས་ལ་ཡན་པར་བསམས་ཏེ་བསྐུལ་བའི་ཚེ། ཤཱཀྱའི་དགེ་སློང་བཤད་སྒྲུབ་མིང་ཅན་གྱིས་བླ་མ་གོང་མས་མཛད་པའི་མན་ངག་དུས་ལ་བརྟེན་ནས་ཇི་ལྟར་མཚམས་པ་བཙོན་དགོན་ཉིད་དུ་སྦྱར་ཞིང༌། དད་པ་དང་རྣམ་དཔྱོད་ཟུང?་དུ་འབྲེལ་བའི་གནས་བརྟན་བསོད་པའི་མིང་ཅན་གྱིས་དད་པས་པར་ དུ་བསྒྲུབས་པ་སྟེ།། དགེ་བས་འགྲོ་བ་སྦུན?་གནས་སྐབས་དུས་མིན་འཆི་བ་ལ་འཕྲོས?་གྲོལ་ཞིང༌། ཕྱི་མར་བདེ་ཅན་དུ་སྐྱེས་ནས་རྒྱལ་མཚོ་དཔག་མེད་ཡབ་སྲས?་ཀྱིས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག།། །། བཀྲ་ཤིས།། དགེའོ།།-yc་